༄༅།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་བསྒོམ་ཚུལ་བཞུགས་སོ།། ༄༅། །ན་མོ་བྫྲ་བཧི་ར་ཝ་ཡ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་ རིམ་བསྒོམ་ཚུལ་ནི། རང་གསང་ཆེན་རྡོ་རྗེ་འཇིགས་བྱེད་ཞལ་དགུ་ཕྱག་སོ་བཞི་པའམ། ཞལ་གཅིག་ཕྱག་གཉིས་པ་གང་རུང་དུ་གསལ་བའི་ལུས་ཀྱི་དབུས་དྲང་པོར། རྩ་དབུ་མ་སྦོམ་ཕྲ་གྲོ་སོག་ཙམ་ [083A]༄༅། །ཡར་སྣ་སྤྱི་གཙུག་ནས་གུག་ནས་སྨིན་འཚམས་དང་མར་སྣ་ལྟེ་འོག་ཏུ་སླེབ་པ། ཁ་དོག་ཕྱི་སྔོ་ལ་ནང་དམར་བ། དེའི་གཡས་དུ་རྐྱང་མ་དཀར་པོ། །སྤྱི་བོར་བདེ་ ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པ། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབས་བཅུ་དྲུག་པ། སྙིང་ཀར་ཆོས་ཀྱི་འཁོར་ལོ་རྩ་འདབས་བརྒྱད་པ། ལྟེ་བར་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི་པ་ ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཉི་གདན་སྲན་མ་ཕྱེད་གཤགས་རྩམ་གྱི་དབུས་སུ། དམིགས་རྟེན་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་རྡོ་རྗེ་འཇིགས་བྱེད་ཀྱི་ངོ་བོར་མོས་ཏེ་དེ་ལ་སེམས་ཞུགས་པ་བཞིན་དུ་འཛིན་པ་ནི་གནད་ ཀྱི་དོན་པའོ། །དེ་ལ་སེམས་བརྟན་པ་ན་དམིགས་རྟེན་དེ་ལ་རླུང་འོད་ཟེར་ལྔ་བ་ཅིག་དབུ་མའི་ནང་བརྒྱུད་ནས་གྱེན་དུ་ཕྱིར་ལྡང་བའི་སྒྲ་ཨོཾ་གྱི་གདངས་དང། ནང་དུ་འཇུག་པའི་སྒྲ་ཧཱུཾ་གི་གདངས་དང། དམིགས་ རྟེན་ལ་ཐིམ་ནས་གནས་པའི་སྒྲ་ཨའི་གདངས་སུ་མོས་ཏེ། ཡང་དང་ཡང་དུ་སྦྱོང་བ་རླུང་རྡོ་རྗེའི་བཟླས་པ་ལ་བསླབ། དེ་ལྟར་སྦྱངས་བས་གོམ་པ་གནད་དུ་སོང་བ་ན་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ འབྱུང་བའི་ཞུགས་པའི་རྟགས་སུ་སྣ་བུག་ནས་རླུང་མཉམ་རྒྱུ་ཤེད་མཚུངས་ངེས་ཅན་དུ་ཐིབས་པ་འབྱུང། གནས་པའི་རྟགས་སུ་སྣ་བུག་གི་རླུང་གི་རྒྱུ་བ་འཆད་ཅིང་ལྟོ་བ་མི་འགུལ་བ་འབྱུང། ཐིམ་པའི་རྟགས་སུ་ སྨིག་རྒྱུ༑ དུ་བ། མ་ཁྱེར། མར་མེ་ལྟར་འབར་པ། དཀར་ལམ་པ། དམར་ལམ་པ། ནག་ལམ་པ། ཐོ་རང་གི་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་སད་རྣམས་རིམ་པ་ལྟར་འཆར། དེའི་ དུས་སུ་བདེ་དྲོད་ཁྱད་པར་ཅན་སྐྱེ་ཞིང་བདེ་བའི་སེམས་དེས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའོ་སྙམ་དུ་བདེ་སྟོང་སྦྱར་ནས་བསྒོམ། དེའི་མཐར་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པ་ཅན་དུ། ཕུང་པོ་ [083B] ཚུལ་གྱིས་འཇུག་རྗེས་ཐོབ་དུ་ཐུན་འཚམས་སུ་གཟུགས་སྒྲ་སོགས་རང་ལ་གང་སྣང་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང་པ། དེ་འདྲའི་སྟོང་པ་ཐམས་ཅད་བདེ་བ། བདེ་བ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་སྐུར་འཆར་བའི་ཉམས་ལེན་ལ་བསླབ། དེ་ལྟར་ཡང་ཡང་བསྒོམ་པས། ཡི་དམ་གྱི་ལྷས་བྱིན་གྱིས་རློབ། ཚེ་སྲིང། བར་ཆད་ཟློག་རྟག་མདུད་འགྲོ་ལ། སྒྱུ་ལུས། འོད་གསལ་ ཟུང་འཇུག་རྣམས་རིམ་པ་ལྟར་མངོན་དུ་བྱས་དེ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་མྱུར་དུ་འཚང་རྒྱ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བས་འདི་ལ་འབད་འཚལ་ལོ། །ཅེས་པ་འདི་ནི་གྱིན་པ་ངག་དབང་ བློ་བཟང་ཆོས་ལྡན་དཔལ་བཟང་པོས་བགྱིས་པའོ།། །།